3297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་སྒྲ
Tibetan Definition (བརྡ་སྤྲོད) དང་ནི་སྡུད་བྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །ཅེས་པ་ལྟར་དོན་ལྔ་སོགས་ལ་འཇུག་པའི་ཕྲད་རང་དབང་ཅན་ཞིག དེ་འཇུག་ཡུལ་ནི། སྡུད་པ་ལ་འཇུག་པ། དཔེར་ན། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་རྣམས་ནི་དབང་པོའོ་ལྟ་བུ། འབྱེད་པ་ལ་འཇུག་པ དཔེར་ན། དབང་པོ་རྣམས་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་སོ་ལྟ་བུ། རྒྱུ་མཚན་ལ་འཇུག་པ དཔེར་ན། དུ་བ་མཐོང་བ་དང་མེར་ཤེས་སོ་ལྟ་བུ། ཚེ་སྐབས་ལ་འཇུག་པ དཔེར་ན། ཉི་མ་ཤར་བ་དང་འགྲོ་ལྟ་བུ། གདམས་ངག་གམ་གཞན་ལ་སྐུལ་མ་གཏོང་བ་ལ་འཇུག་པ། དཔེར་ན། དཔེ་ཆ་ལྟོས་དང༌། གོ་ཆ་གྱོན་དང་ལྟ་བུའོ། །སྡུད་བྱེད་རྒྱུ་མཚན་ཚེ་སྐབས་གདམས་ངག་གང་ཡང་མིན་པའི་བྱ་ཚིག་སོགས་དང་སྦྱར་བ དཔེར་ན། ས་བོན་བཏབ་དང་མ་བཏབ་མི་འདུག འགྲིག་དང་མི་འགྲིག རྐྱེན་ངན་དང་འཕྲད་པ། སྲོག་དང་བྲལ་བ། གོང་དང་མཚུངས་པ། གྲོགས་པོ་དང་འགྲོགས་པ་ཞེས་ཤིན་ཏུ་མང་ངོ༌། །ཚོམས་ལས། ལ་ལ་རྒན་དང་ལ་ལ་གཞོན། །ཞེས་པའི་དང་སྒྲ་ནི་ཡང་གི་སྒྲ་ཡིན་པར་གསུངས་ཏེ། དེའི་ཐད་ཀྱི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༦༦བ༥ལས། དང་གི་སྒྲ་ནི་ཡང་གི་སྒྲ་སྟེ། དར་ལ་བབ་པ་ལ་སོགས་པ་ཉི་ཚེ་བ་མ་ཡིན་ཞེས་པའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །སྡུད་པའི་སྒྲ་དང་ཡང་གི་སྒྲ་གཉིས་འདིར་དོན་གཅིག་གོ།