From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དངོས་གྱུར་གྱི་ལྟུང་བ
|
| Tibetan Definition
|
(འདུལ་བ) ལྟུང་བ་དངོས་གཞི་རྫོགས་པར་སྐྱེད་པ་ལ་བཟློག་པ་ལ་མ་ལྟོས་པར་བྱ་བ་དེ་ལ་ཞུགས་པ་ཙམ་གྱིས་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་བའི་ལྟུང་བ་ལ། དངོས་གྱུར་གྱི་ལྟུང་བ་ཟེར། དཔེར་ན་ལྷག་མ་དང་པོ་དགུ་ལྟ་བུའོ། །བསྒོ་གྱུར་གྱི་ལྟུང་བ་ནི་དེ་ལས་ལྡོག་སྟེ་བསྒོ་བ་ལ་ལྟོས་པའོ། །དཔེར་ན་དབྱེན་གྱི་ལྷག་མ་སོགས་ཐ་མ་བཞིའོ། །བསྒོ་གྱུར་གྱི་ལྟུང་བ་ཞེས་པའི་ཐད་དུ་གཟིགས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་ཊཱིཀ་ལ་གཞི་བྱས།
|