3319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་པོ་བྱས་པ་ཅན
Tibetan Definition དགག་བྱའི་དོན་སྤྱི། ཡང་ན་སྤྱིར་བཏང་གི་དོན་སྤྱི། དེ་ལ་བརྟགས་པའི་དངོས་པོ་ཞེས་ཀྱང་བརྗོད། སྤྱོད་འཇུག་ཆེན་མོ་ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་པ་དང་དོན་འདྲ་བ་ཡིན། སྤྱོད་འཇུག་དང་། རྗེའི་དབུ་མ་དགོངས་པ་རབ་གསལ་སོགས་སུ་ “བརྟགས་པའི་དངོས” ཞེས་གསལ་ཡང་། “བཏགས་པའི་དངོས” ཡིན་མིན་ལ་དོགས་པ་ཅུང་ཟད་དཔྱད་དགོས་པ་འདུག་གོ། སྒྲ་བཤད་ནི། དངོས་པོ་ནི་རང་བཞིན་ནམ་ངོ་མའམ་དངོས་གནས་ཀྱི་དོན་ཡིན་ལ། བྱས་པ་ཅན་ནི་བཅོས་མའི་ཆོས་ཏེ། རང་བཞིན་བཅོས་མའི་ཆོས་ཞེས་པའི་དོན་ནོ། །