3323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངོས་རྟོགས་ཤུགས་རྟོགས
Tibetan Definition དང་པོ་ནི། ཚད་མ་དེ་ཡུལ་དེ་ལ་བློ་ཁ་ཕྱོགས་ཤིང་རྣམ་པ་ཤར་བའི་སྟོབས་ཀྱིས་ངེས་ཤིང་རྗེས་ཀྱི་བློ་གཞན་ལ་ལྟོས་མེད་དུ་འདྲེན་པ་ནི། ཡུལ་དེ་དངོས་སུ་རྟོགས་པའི་དོན་ཡིན་ལ། ཡུལ་དེ་ལ་ད་ལྟ་བློ་ཁ་མ་ཕྱོགས་ཀྱང་། ཚད་མ་དེས་རང་གི་གཞལ་བྱ་དངོས་སུ་གཞལ་བའི་སྟོབས་ཀྱིས་ཡུལ་དེ་ལ་སྐབས་དང་མཐུན་པར་སྒྲོ་འདོགས་བཅད་ཚར་བས་ཕྱིས་བློ་ཁ་ཕྱོགས་པ་ཙམ་གྱིས་ཚད་མ་གཞན་ལ་ལྟོས་མེད་དུ་ངེས་པ་སྐྱེ་བར་འགྱུར་བ་ནི། ཤུགས་རྟོགས་ཀྱི་དོན་ནོ། །ཞེས་སྡེ་བདུན་ཡིད་ཀྱི་མུན་སེལ་ལས་གསུངས་པ་ལྟར་རོ། །