3345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔག་ཚད
Tibetan Definition <ཡཱོ་ཛ་ན> རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཟེར། ལེགས་སྦྱར་དུ་ཡཱོ་ཇ་ན योजन yojana ཟེར། དཔག་ཚད་གཅིག་ལ་ཀི་ལོ་མི་ཀྲར་རམ་སྤྱི་ལེ་བདུན་དང་གྲངས་ཆུང་བརྒྱད་ 7.8 km ཙམ་ཡོད་པར་སེམས། འདི་ཡང་མཛོད་ལས་སོར་མོ་ཉི་ཤུ་བཞི་ལ་ཁྲུ་ཞེས་པའི་རྩིས་ཚུལ་དེ་གཞིར་བཞག་གིས་ཁྲུ་བཞི་ལ་ཕི་ཊི་དྲུག་དང་གྲངས་ཆུང་6.4 ft. བཞི་ཡོད། ཕི་ཊིའམ་རྐང་ཁྲུ་༦.༤དང་གཞུ་འདོམ་གང་དོན་གཅིག་ཅིང་། གཞུ་འདོམ་༥༠༠ལ། རྐང་ཁྲུ་༣༢༠༠དང་། དེ་རྒྱང་གྲགས་བརྒྱད་ཀྱིས་བསྒྱུར་བས། རྐང་ཁྲུ་༢༥,༦༠༠གྱུར་ལ། དེ་ལ་སྤྱི་ལེ་7.8 km ཡོད་དོ། ། 500=3200 ft x8=25,600 ft.=7.8 km ཡོད། མཛོད་རྩ་བ་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་གསུངས། སྒྲ་བཤད་ནི། དཔག་པའམ་འཇལ་བའི་ཚད་ཡིན་པས་ན་དཔག་ཚད་དོ། །བོད་དབྱིན་ཚིག་མཛོད་རྩོམ་པ་པོ་ཡེ་ཤུའི་ཆོས་སྤེལ་མཁན། ཧཡེ་ནཁེ། ཡཙ་ཀ་ཟེར་བ་ཁོང་གིས། Heinrich Jaschke (1817-1883) དཔག་ཚད་གཅིག་ལ་ཕེཐམ་བཞི་སྟོང་ 4,000 fathoms ཡོད་ཟེར། ཕེཐམ་རེར་ (six feet) ཕི་ཊིའམ་རྐང་ཁྲུ་དྲུག་གམ། མི་ཀྲར་གཅིག་དང་གྲངས་ཆུང་བརྒྱད (1.8 meters) རེ་བརྩིས་པས་དཔག་ཚད་གཅིག་ལ་མི་ཀྲར་ 7,200 ཡོད་ཅིང་། དེ་ལ་ཀི་ལོ་མི་ཀྲར་ 7.2 km ཡོད་པར་དོན་གྱིས་བཤད་དོ། །