335

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུའི་རླུང
Tibetan Definition ཡན་ལག་གི་རླུང་ལྔའི་ཡ་གྱལ་ཏེ། མིག་ལ་གནས་ཤིང་། བྱེད་ལས་མིག་གིས་གཟུགས་མཐོང་བ་དང་ལུས་སྒེག་པ་སོགས་ཀྱི་བྱ་བ་བྱེད་པའི་རླུང་ཞིག སྒྲ་བཤད་ནི། རླུང་དེ་ཀླུ་སྟེ་སྦྲུལ་གྱི་དབྱིབས་དང་འདྲ་བའི་མཉེ་མ་ལས་བྱུང་བས་དེ་ལྟར་བཏགས་སོ། །མཉེ་མ་ནི་རྒྱུ་མའི་བྱེ་བྲག་ཅིག་སྟེ། དེ་ཡང་ཡར་སྣེ་ལོང་ག་དང་འབྲེལ་ཞིང་། མར་སྣེ་རྐུབ་དང་འབྲེལ་བའི་རྒྱུ་མ་ཞིག་གོ།