3355

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་བོའི་སྟོན་མོ
Tibetan Definition དཔའ་བོ་ཁོ་ན་ཚོགས་པའི་སྟོན་མོ་ལ། དཔའ་བོའི་སྟོན་མོ་ཟེར། ཀློང་རྡོལ་བླམས། དཔའ་བོ་དཔའ་མོ་གཉིས་ཚོགས་པའི། །ཚོགས་ཀྱི་འཁོར་ལོ་བྱ་བ་དང་། །དཔའ་བོ་ཁོ་ན་ཚོགས་ན་ནི། །དཔའ་བོའི་སྟོན་མོ་ཞེས་ཀྱང་བྱ། །དཔའ་མོ་རྐྱང་པ་ཚོགས་ན་ནི། །དཔའ་མོའི་སྟོན་མོ་ཞེས་བྱའོ། །ཞེས་གསུངས། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ལས། རྣལ་འབྱོར་པ་ཤ་སྟག་ལས་ཆང་ལ་ལོངས་སྤྱོད་པའི་དོན་དུ་རྣལ་འབྱོར་མ་གཅིག་གཙོ་བོའི་གཡོན་དུ་གནས་པ་ལ་ཟེར།