336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀློང
Tibetan Definition 1 ཆུ་ཀླུང་ཤས་ཆེར་འཁོར་བ་སོགས་ལ་ཟེར། སློབ་མ་ལ་སྤྲིངས་པ་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོ། །དེའི་ཐད་ཀྱི་སློབ་སྤྲིང་དཀའ་འགྲེལ་༡༢༠ན༢ལས། ཀློང་ནི་ཆུའི་འཁོར་བའོ། །ཞེས་གསུངས། དབའ་ཀློང་དང་དོན་གཅིག ཞིབ་པར་དབའ་ཀློང་ལ་གཟིགས།