From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔལ་གྱི་ཆས་བརྒྱད
|
Tibetan Definition
|
(རྙིང་མ) ཆུ་སྲིན་གྱི་ཆས། ཉི་ཟླའི་ཆས། ཡེ་ཤེས་ཀྱི་མེ་ཡི་ཆས། ཟླ་ཚེས་ཀྱི་ཆས། གཤོགས་པའི་ཆས། གླག་པའི་ཆས། བསེ་ཁྲབ་ཀྱི་ཆས། རྒྱ་བྱེའུང་ལྕགས་ཀྱི་ཆས་ཏེ་བརྒྱད་དོ། །དེ་ཡང་ཇི་སྐད་དུ། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་སྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོགས་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་གླག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཞེས་པ་ལྟར་རོ། །འདི་ལ་མཁས་པའི་བཞེད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པར་གསུངས།
|