3364
Jump to navigation
Jump to search
དཔལ་གྱི་བེའུས་མཚན་པ | |
Tibetan Definition | <ཤྲཱི་བཏྶ་ལཉྪ་ནཿ> (མངོན་བརྗོད) ཁྱབ་འཇུག་གི་མིང་། སྒྲ་བཤད་ནི། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༦༠ན༣ལས། དཔལ་གྱི་བེའུས་མཚན་པ་ཞེས་པ་ནི་འདིའི་སྙིང་ག་ལ་སྤུའི་བྱེ་བྲག་དཔལ་བེའུས་དབྱིབས་ཀྱིས་བྱས་པ་སྐྱེས་བུ་ཆེན་པོའི་མཚན་གྱི་ཁྱད་པར་ཞིག་ཡོད་པས་དེའི་རྟགས་ཀྱིས་མཚན་པས་ན་དཔལ་གྱི་བེའུས་མཚན་པ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །དཔལ་གྱི་བེའུས་མཚན་པའི་སྐད་དོད་དེ་མངོན་བརྗོད་འཆི་མེད་ན་གསལ། |
---|