3370
Jump to navigation
Jump to search
| དཔལ་བེའུ | |
| Tibetan Definition | <ཤྲཱི་བཏྶ> བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་གི་དྲ་མིག་མང་པོ་ཡོད་པའི་རི་མོ་དེའི་མིང་། ཡང་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༡༣༣བ༣ལས། དཔལ་བེའུ་ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོ་ལྟ་བུའི་མཚན་མའོ། །ཞེས་གསུངས་པ་ཞིག་འདུག་པས་གང་ཡིན་དཔྱད་པར་འཚལ་ལོ། །བསྟན་དར་ལྷ་རམས་པའི་བརྡ་གསར་རྙིང་གི་སྐོར་ལས་ཀྱང་དེ་བཞིན་དུ་གསལ་ལོ། ། དཔལ་བེའུ་སྐད་དོད་དེ་མངོན་བརྗོད་འཆི་མེད་ན་གསལ། |
|---|---|