3380

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་ལྷ་མོའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་འགྲེལ་བཤད
Tibetan Definition དཔལ་ལྷ་མོ་ནག་མོ་ལ་ཀླུའི་རྒྱལ་པོ་དགའ་བོས་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི། རྒྱུད་༼ བ ༽༢༠༥ན༦ན་€དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུདཅེས་བྱ་བ་ལས། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ། །ཁམས་གསུམ་གདུལ་ (མ་ཕྱི་ལ་གདུལཞེས་གསལ་ཡང་། འདུལ་ཡིན་པར་སེམས་ཏེ། གདུལ་ཕྱིར་ཞེས་བརྗོད་ན་དགོས་ཆེད་ཀྱི་སྒྲ་དང་། འདུལ་ཕྱིར་ཞེས་བརྗོད་ན་རྒྱུ་མཚན་གྱི་སྒྲའོ) ཕྱིར་གདན་དུ་བོང་བུ་ཞོན། །མྱ་ངན་མི་འདའི་རྟགས་སུ་ལྕགས་སྒྲོག་མངའ། །བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན། །གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་ (བྲིས་ཆ་ལ་ཟླ་ཚེས་འདུག་ཀྱང་ཟླ་རྒྱསཞེས་པའི་ཚིག་འདི་དང་བསྟུན་ན་ཟླ་བ་ཉ་གང་བ་དགོས་པར་སེམས་ཏེ། ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན། །ཞེས་གསུངས་པས་ཤེས་སོ) གསལ། །དུག་གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་། །བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལེ་བསྣམས། །དབང་དྲག་རྫོགས་ཕྱིར་རལ་པ་ཁམ་ནག་སྤྲུག། ཉོན་མོངས་འདྲེན་ཕྱིར་རྣོ་དབལ་མཆེ་བ་གཙིགས།། འཁོར་བ་ལྗགས་ལ་གཏར་ཕྱིར་རྐན་སྒྲ་བརྡེབ། །གདུག་པ་ཞེ་ལ་གནོད་ཕྱིར་སྡང་མིག་བགྲད། །ཐམས་ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར། །སྙོམས་པའི་ཚོགས་མཆོག་མི་འགྱུར་སྐུ་མདོག་གནག །མ་མོ་འདུལ་ཕྱིར་དུར་ཁྲོད་རྒྱན་གྱིས་བརྒྱན། །སྐུ་གསུང་ཐུགས་རྟགས་ཕྱག་རྒྱ་ཁ་ཊྭཱཾ་གསོར། །སྐུ་གསུམ་རྫོགས་བྱེད་ཐོད་པའི་ཕྲེང་བས་བརྒྱན། །དྲག་པོ་མྱུར་མགྱོགས་བསྟན་ཕྱིར་ཚུབ་མས་བརྒྱན། །ཉོན་མོངས་སྲེག་ཕྱིར་མེ་དཔུང་ནང་ན་བཞུགས། །འདོད་ཁམས་སྐྱོང་ཕྱིར་ཡོངས་འདུའི་ཤིང་ལ་བརྟེན། །ལྷ་མིན་འདུལ་ཕྱིར་རྫོང་གི་དཀའ་ཟློག་མ། །དཔའ་བརྟན་བསྟན་ཕྱིར་སྟག་གི་ཤམ་ཐབས་བསྣམས། །བསྟན་པ་བསྲུང་ཕྱིར་དྲག་མོའི་ཆ་ལུགས་རྫོགས།། ང་རྒྱལ་དབང་བསྡུས་བདག་མེད་སྒྲ་སྒྲོགས་ཕྱིར། །ཐབས་ཀྱི་སྙན་ཆ་གཡས་པ་སེང་གེས་བརྒྱན། །ཞེ་སྡང་དབང་འདུལ་དུག་ཆེན་འདུལ་བའི་ཕྱིར། །ཤེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱིས་བརྒྱན། །འདུ་བྱེད་མི་རྟག་རྟགས་སུ་དྲིལ་བུ་སྒྲོགས།། ཆགས་ཕྱིར་རྔམ་མཛད་རཀྟའི་རྦ་ཀློང་འཐུང་། །དམ་ཚིག་བསྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད། །ཐ་དད་ལས་རྣམས་འདུལ་ཕྱིར་རྨ་བྱའི་འཕྲུ། །ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྦྱངས་ནས། །ཡེ་ཤེས་རིག་པའི་ཚོགས་རྣམས་ཤར་བའི་ཕྱིར། །རང་བཞིན་གནས་མཆོག་བྱང་ཤར་མཚམས་ན་བརྟེན། །དབུ་མའི་ས་ལ་གནས་ཕྱིར་དྲེའུ་ལ་ཞོན། །ཉོན་མོངས་གདུག་པ་འདུལ་ཕྱིར་མ་ཡི་ཚུལ། །མཁའ་འགྲོ་མ་མོ་ཁྱོད་ཕྱག་འཚལ་བསྟོད། །ཅེས་སོ། །