From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་གི་དགུ་བཅུའི་ཞེ་བདུན་པ། དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། རྒྱལ་པོ་ལ་སོགས་པས་བོས་ཀྱང་རུང་མ་བོས་ཀྱང་རུང་སྟེ། བཅས་ལྡན་དགེ་སློང་གིས་དམག་ལ་རེག་པ་དང། གཡུལ་བཤམས་པ་དཀྲུགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། དྲུག་སྡེས་མཉན་ཡོད་ནས་སོང་སྟེ། རི་བྲག་པ་དང་ཉེ་བར་དམག་བཤམས་པ་དཀྲུག་པ་ལ་སོགས་པ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །
|