3394

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་ཆ་གདན་འདྲེན་ཞུ་བ
Tibetan Definition དངུལ་རིན་སྤྲད་ནས་དཔེ་ཆ་ཉོ་བ་ལ་ཞེ་ས་བྱེད་པའོ། །དཔེ་ཆ་ཉོ་ཟེར་ན་མ་གུས་པར་འགྲོ་བས་མི་རུང་། དེ་བཞིན་དུ། དཔེ་ཆ་བླུ་ཞེས་པའང་མི་རུང་ཞེས་བླ་མ་རྣམས་གསུང་ངོ་། །དཔེ་ཆ་བླུ་ཞེས་ཟེར་མི་རུང་སྟེ། བླུ་ཞེས་པ་རིན་སྤྲད་དེ་ཉམ་ཐག་པའི་གནས་སམ་ཉེན་ཁ་ལས་སྐྱོབ་པའི་དོན་ལ་གོ་དགོས། དཔེར་ན་སྲོག་བླུ་བ་ཞེས་པ་ལྟ་བུ། དཔེ་ཆ་གདན་འདྲེན་ཞུ་ཞེས་ཟེར་དགོས། དཔེ་ཆ་གདན་འདྲེན་ཞུ་གི་ཡིན། དཔེ་ཆ་གདན་འདྲེན་ཞུས་པ་ཡིན་ལྟ་བུ།