3401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་ཉེར་འཇལ
Tibetan Definition དཔེས་མཚོན་པའམ་གོ་བར་བྱེད་པ། དཔེས་བདེ་བླག་ཏུ་གོ་བར་བྱེད་པ། དོན་མྱུར་དུ་རྟོགས་བྱེད། སྒྲ་བཤད་ནི། དཔེས་རང་གིས་གོ་བྱའི་དོན་དེ་ཉིད་ཉེ་བར་ཏེ་བདེ་བླག་ཏུ་གཞལ་བའམ་འཇལ་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །སྤྱིར་དཔེ་དང་། ཉེར་འཇལ། དཔེ་ཉེར་འཇལ་རྣམས་དོན་འདྲ། ཉེར་འཇལ་ཞེས་པ་ནི་དོན་ཉེ་བར་ཏེ་མྱུར་དུའམ་བདེ་བླག་ཏུ་འཇལ་བའམ་རྟོགས་བྱེད་ཅེས་པའི་དོན་ནོ། །དཔེདང་ཉེར་འཇལགཉིས་དོན་གཅིག་པས། བརྡ་སྦྱར་མཁན་པོ་དག་གིས་ཉེར་འཇལཞེས་མ་བཞག་པར་དཔེལྷག་པོ་བསྣན་པའི་རྒྱུ་མཚན་གང་ཡིན་ནམ་སྙམ་པའི་དོགས་པ་འབྱུང་སྲིད་ཀྱང་དེ་ནི། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༦༧ན༢ལས། བཞིན་ཞེས་བྱ་བ་ནི་དཔེས་ཉེ་བར་འཇལ་བ་སྟེ། ཞེས་པའི་ལུང་འདིས་སེལ་བར་ནུས་སོ། །