3406

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་བྱད
Tibetan Definition རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམ་དག་གདུལ་བྱ་གཞན་དག་ལ་གོ་བར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན། སངས་རྒྱས་ཀྱི་དཔེ་བྱད་ཀྱི་ཡོན་ཏན་གྱི་མཚན་ཉིད། དེ་ལ་དབྱེ་ན། མངོན་རྟོགས་རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང༌། །ཞེས་སོགས་ལྟར་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །སྒྲ་བཤད་ནི། ནང་ན་ཡོན་ཏན་ཡོད་པར་མཚོན་པའི་དཔེའམ་རྟགས་ཀྱི་བྱད་གཟུགས་ཡིན་པས་ན་དེ་སྐད་ཅེས་བྱའོ། །