From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔྱ་ཁྲལ
|
Tibetan Definition
|
2 མི་འདོད་བཞིན་དུ་བསྒྲུབ་དགོས་པའི་འཁྲི་ཆ། སྒྲ་བཤད་ནི། དཔྱ་ནི་བཅའཡི་འབྲི་ཚུལ་གཞན་ཏེ། དཔྱ་དང་བཅའ་གཉིས་སྒྲ་གདངས་མཐུན་པས་འབྲི་ཚུལ་འདི་བྱུང་བར་ངེས། བཅའ་བའམ་བཟོ་བའམ་གཏན་འབེབས་བྱེད་པའི་དོན་ཏེ། གཏན་འབེབས་བྱས་པའི་ཁྲལ་ཞེས་པའོ། །བཅའ་ཁྲལ་ཞེས་བྲིས་ཀྱང་འཐད། རྒྱ་གར་གྱི་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་ལུང་གཞི་རྒྱ་ཆེར་འགྲེལ་པ་༡༨༣ན༤ལས། དཔྱ་ལ་བཅའཞེས་བྲིས་ཡོད་ཅིང་། འདི་ནི་ཤིན་ཏུ་ལེགས་ཏེ། འདུལ་བ་ལུང་གཞི་གླེགས་བམ་དང་པོ་ལས། ཨང་གའི་རྒྱལ་པོས་དེ་ལ་ལོ་ཐང་དང་དཔྱ་ཕབ་སྟེ་དེ་ཉིད་དུ་བཞག་གོ། ཞེས་བཅའ་ལ་དཔྱ་ཞེས་བྲིས་ཡོད་ལ། ཡ་དེའི་ཐད་ཀྱི་ལུང་གཞི་རྒྱ་ཆེར་འགྲེལ་པ་ལས། ལོ་ཐང་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པ་ནས་འབྱུང་བའོ། །བཅའཞེས་བྱ་བ་ནི་ཤོ་གམ་གྱི་གནས་ལ་སོགས་པ་ནས་འབྱུང་བའོ། །ཞེས་དཔྱ་ལ་བཅའ་ཞེས་གསལ་བར་གསུངས་སོ། །བཅའ་ཁྲལལ་དཔྱ་ཁྲལཞེས་པའི་འབྲི་སྲོལ་འདི་ཡང་གོ་རྒྱུ་མེད་ཀྱང་ཁྱབ་བརྡལ་དུ་སོང་བའི་རྩྭ་ཡན་ཞིག་གོ།
|