3444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔྲལ་བའི་དབྱེས་ཆེ་བ
Tibetan Definition དཔྲལ་བ་ཡངས་པའམ་ཞེང་ཆེ་བའི་དོན། འཕྲལ་བའི་དབྱེས་ཆེ་བ་དང་དོན་གཅིག དབྱེས་ཞེས་པ་ཞེང་གི་དོན་ཡིན་པར་བཤད་ཀྱང་། དབྱེས་དང་འབྱེས་གཉིས་ཕལ་ཆེར་དོན་འདྲ་བ་ཡིན་ནམ་སྙམ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། འཕྲལ་བའི་དབྱེས་ཆེ་བ་ཞེས་བྱ་བ་ནི་འཕྲལ་བ་ཡངས་པའོ། །ཞེས་གསུངས་སོ། །རྗེའི་ལེགས་བཤད་གསེར་ཕྲེང་༡༢༡བ༥ལས། དབྱེས་ཆེ་བ་ནི་དཔྲལ་བའི་ཁྱོན་ཆེ་བའོ། །ཞེས་གསུངས། དཔྲལ་བ་དང་འཕྲལ་བ་དོན་གཅིག་ཅིང་། དབྱེས་ཆེ་བ་ནི་ཡངས་པའམ་ཞེང་ཆེ་བའི་དོན་དུ་བཤད་དོ། །