3484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབལ
Tibetan Definition (བརྡ་རྙིང) <ཀེ་ཏུ> 1 ཏོག་དང་། རྩེ་མོ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། རྒྱ་སྐད་རཏྣ་ཀེ་ཏུ་ལ། །ཀེ་ཏུའི་སྒྲ་ནི་དབལ་དང་ཏོག །དུ་བ་མཇུག་རིངས་སོགས་ལ་འཇུག །སྐད་རྙིང་རྣམས་ལ་དབལ་དུ་ཡོད། །གསར་བཅད་མན་ཆད་ཏོག་ཏུ་བསྒྱུར། །དེས་ན་འབུམ་ལས་རིན་ཆེན་དབལ། །གསར་བཅད་སྐད་ཀྱིས་ཞུས་པ་ཡི། །བརྒྱད་སྟོང་པ་ལས་རིན་ཆེན་ཏོག །ཅེས་བྱར་བསྒྱུར་བ་མི་ཤེས་པར། །རིན་ཆེན་དཔལ་དུ་བཤད་པ་དང་། །ཞེས་གསུངས་སོ། །2 ཤ་ཉམས་རྒྱས་པ། 3 མེའི་དྲོད། གོང་དུ་བཤད་པའི་དབལ་གྱི་དོན་བཞི་པོ་རྣམས་ལི་ཤིའི་གུར་ཁང་དུ་གསལ།