From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབུ་བ་དང་ལྦུ་བ་ཆུ་བུར་གསུམ་གྱི་ཁྱད་པར
|
Tibetan Definition
|
དབུ་བ་དང་ལྦུ་བ་གཉིས་དོན་འདྲ། དབུ་བ་ནི། བ་ལང་དང་རྒྱ་མཚོ་སོགས་ཀྱི་ཁར་ཆགས་པའི་རྫས་དཀར་པོ་ཞིག་ཡོད་པ་དེ་ལ་ཟེར། ཆུ་བུར་ནི་ཆུའི་ནང་གློ་བུར་དུ་ཐོན་ནས་ཡལ་འགྲོ་བའི་ལུས་ཀྱི་ཆུ་ལྒང་དང་འདྲ་བའི་ཆོས་ཤིག་ཡིན་ལ། ཕྱི་རྒྱལ་བས་bubbleཟེར་བ་དེའོ། །མང་པོས་དབུ་བ་དང་ཆུ་བུར་གཉིས་གཅིག་ཏུ་འཁྲུལ་བར་སྣང་ཡང༌། ཉན་ཐོས་ལ་བསྟན་པའི་མདོ་ལས་ནི། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་དབུ་བ་དང་ཆུ་བུར་ཐ་དད་དུ་གསུངས་པས་ཀྱང་དེ་གཉིས་ཐ་དད་ཡིན་པར་ཤེས་ནུས་སོ། །
|