35

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་བ་ཤིང་ལོ་ཅན
Tibetan Definition ར་ས་འཕྲུལ་སྣང་གཙུག་ལག་ཁང་ངམ་ཡོངས་གྲགས་སུ་ཇོ་ཁང་དུ་འབོད་པ་དེའི་ནང་གི་ཀ་བ་ཞིག དེའི་འོག་ཏུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསེར་དངུལ་གྱི་གཏེར་མང་པོ་སྦས་ཡོད་ཟེར། ཀ་བའི་རྩེ་མོར་ཤིང་ལོའི་རི་མོའི་རྐོས་བརྒྱབ་ཡོད་པས་ཤིང་ལོ་ཅན་ཞེས་གྲགས། ཇོ་ཁང་ནང་གི་ཤིང་གི་ཀ་བ་དེ་དག་ཤིན་ཏུ་ངོ་མཚར་ཆེ་བའི་སྐོར་ཟླ་བ་ཁོལ་Sarat Chandra Das གྱིས་«ལྷ་ས་དང་བོད་དབུས་སུ་འགྲིམ་འགྲུལ»ཞེས་པའི་དེབ་དེའི་༡༧༨ན་གསལ་ལོ། །