350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཆེམས་རླུང་བསྐུར
Tibetan Definition གཞན་ལ་ཕན་སྲིད་སྙམ་པའི་རེ་བ་ཙམ་གྱིས་ཀུན་ནས་བསླངས་པའི་བསླབ་བྱ། ལོ་རྒྱུས་ནི། སྔོན་བྱང་ཐང་དུ་མི་ཞིག་དགྲས་བཟུང་ནས་གསོད་པར་ཉེ་བ་ན། ཁོས་ང་ལ་ཁ་ཆེམས་ཤིག་གཞག་འཇུག་རོགས་ཞེས་ལབ་པས། ཁྱོད་ཁ་ཆེམས་སུ་ལ་འཇོག་ཅེས་དྲིས་པས། ཁ་ཆེམས་རླུང་ལ་བསྐུར་རོ་ཟེར་ནས་བར་སྣང་སྟོང་པ་ལ་མི་འདི་དང་འདི་ཞེས་བྱ་བས་ང་བསད་དོ་ཞེས་བརྗོད་པས། ཁོ་ཡ་མཚན་སྐྱེས་ཏེ་མི་གཞན་ལ་ཁོས་དེ་སྐད་ཟེར་རོ་ཞེས་བརྗོད་པས། གཅིག་ནས་གཅིག་བརྒྱུད་དེ་མཐར། འཆི་མཁན་གྱི་མི་དེའི་ཉེ་དུ་རྣམས་ཀྱིས་ཐོས་ནས་དགྲ་ཤ་བླངས་པའི་གཏམ་རྒྱུད་ཅིག་གོ། བསད་པའི་མི་དེས་ཀྱང་རེ་བ་ཙམ་ཞིག་བྱས་ནས་ཁ་ཆེམས་རླུང་ལ་བསྐུར་ཀྱང་རྗེས་སུ་ཕན་ཐོགས་བྱུང་བའི་དཔེའོ། །དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༩ལས། ཁ་ཆེམས་རླུང་། ཞེས་པ་ནི་བྱང་དུ་མི་ཅིག་དགྲས་བཟུང་ནས་གསོད་པར་བྱེད་པ་ལ། ཁོ་ཁ་ཆེམས་འབོགས་ཟེར། ཁྱོད་སུ་ལ་འབོགས་བྱས་པས། ཁ་ཆེམས་རླུང་ལ་བསྐུར་ཟེར་ལོ། དེར་ངོ་མཚར་ཆེ་ནས་གླེངས་པས། ཁོའི་ཉེ་བས་ཐོས་ནས་མི་ཤ་བླན་ནོ། །དེ་བཞིན་དུ་ངས་ཇི་སྐད་བཤད་ཀྱང་ཁྱེད་ཉན་དུ་མི་གཏུབ་སྟེ། ཁོ་དེ་སྐད་ཟེར་ལོ་ཟེར་ནས། གཞན་ལ་ཕན་པ་ལྟ་བུ་སྲིད་གསུང་། ཞེས་གསུངས་པ་ལྟར་རོ། །