From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དབུ་མའི་ལྟ་བ་རྟོགས་པར་དཀའ་ཚུལ
|
| Tibetan Definition
|
(དབུ་མ) དབུ་མའི་ལྟ་བ་ནི་ཤིན་ཏུ་རྟོགས་པར་དཀའ་བ་ཡིན་ཏེ། རྗེའི་ལམ་རིམ་ཆེན་མོ་ལས། དེས་ན་རིགས་པས་རྣམ་པར་དཔྱད་པ་ན། གང་ཟག་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་ཡུལ་སྟེང་དུ་སྡོད་ཚུལ་ཅུང་ཟད་ཀྱང་མི་འདུག་སྙམ་པ་དང༌། དེ་ལ་བརྟེན་ནས་སྣང་བ་འདི་རྣམས་བན་བུན་དུ་འཆར་བ་ཙམ་དཀའ་བ་མིན་གྱི་དེ་འདྲ་དེ་དབུ་མའི་གྲུབ་མཐའ་ལ་མོས་ཤིང་རང་བཞིན་མེད་པའི་ཚུལ་སྟོན་པའི་ཆོས་ཐན་ཐུན་ཐོས་པ་ཐམས་ཅད་ལ་འོང་ཡང༌། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །
|