3524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མེད་ཀྱི་ཡི་གེ་བྱུང་ཚུལ
Tibetan Definition (བརྡ་སྤྲོད) ཞ་ལུ་ལོ་ཆེན་སོགས་བོད་ཀྱི་མཁས་པ་མང་པོས་ལཉྫ་ལ་དཔེ་བྱས་ཏེ་དབུ་ཅན་དང༌། ཝརྟུ་ལ་དཔེ་བྱས་ཏེ་དབུ་མེད་བཟོས་ཚུལ་གསུང་མཁན་ཡོད་ཅིང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང༌། ལྷ་ཡིག་ལཉྫ་དཔེ་བྱས་དབུ་ཅན་དང༌། །ཀླུ་ཡི་ཝརྟུ་ལ་ལྟར་ཟུར་ཅན་བྱས། །ཞེས་གསུངས་པ་ཡོད་ཀྱང༌། ཞིབ་ཏུ་བརྟག་ཚེ། དབུ་ཅ་དང་དབུ་མེད་གཉིས་ཀྱང་ཐོག་མ་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་་མགྱོགས་པར་བྲིས་པ་ལས་དབུ་མེད་བྱུང་བ་ཡིན་ཚུལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་དང༌། རྒྱལ་རབས་དེབ་ཐེར་དཀར་པོ་༩༡ལས་གསུངས།