3527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་སེམས་ཀྱི་ལུགས་ཀྱི་སེམས་བསྐྱེད
Tibetan Definition བྱང་ས་ནས་གསུངས་པའི་སེམས་བསྐྱེད་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་དང་། བསླབ་སྤྱོད་ནས་གསུངས་པ་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཅེས་ཟེར་ཏེ། དངུལ་ཆུའི་གསུང་དྲིས་ལན་ལས། སེམས་བསྐྱེད་ལ་དབུ་སེམས་ཀྱི་ལུགས་གཉིས་བཤད་པ་འདི་དག་སོ་སོ་བའི་ཕྱག་ལེན་ད་ལྟ་དགེ་ལུགས་ལ་ཡོད་དམ་མེད་ཅེས་པ་ལ། བྱང་ས་ནས་འབྱུང་བ་ལ་སེམས་ཙམ་ལུགས་དང་། བསླབ་སྤྱོད་ནས་འབྱུང་བ་ལ་དབུ་མ་ལུགས་ཟེར་བ་འདྲ་བས། དེ་ལྟར་ན་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དུ་སྨོན་སེམས་ཆོ་གས་བསྐྱེད་ཚུལ་གསལ་བར་བཤད་པ་ལྟར་བདག་གིས་ཀྱང་རྗེ་ཡོངས་འཛིན་གུ་གེ་བ་ནས་ཚར་གཉིས་ཐོབ། བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་དུ་འཇུག་སྡོམ་ལེན་ཚུལ་གསལ་བར་འབྱུང་བ་ནི་བདག་གིས་མ་ཐོབ་ཅིང་། འདི་རྒྱུན་དེང་སང་ཆད་འདྲ་ཟེར་མཁན་ཡང་སྣང་། བདེ་ལམ་དུ། ལམ་རིམ་ལས་སྨོན་འཇུག་རིམ་ཅན་དུ་ལེན་པའི་དབང་དུ་མཛད་ཀྱང་ཞི་བ་ལྷའི་ལུགས་ལྟར་ཅིག་ཅར་དུ་བླངས་ན་འཇུག་པ་བདེ་བར་གསུངས་པ་ལྟར། བདག་གིས་ཀྱང་། འབི་ལུང་བླ་མ་རིན་པོ་ཆེ་དང་། བདེ་ཆེན་བླ་མ་རིན་པོ་ཆེ་ནས་ལན་གཉིས་རེ་ཐོབ་པ་ལགས། ཞེས་གསུངས་སོ། །