3535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུགས་ཕྱུང་བ
Tibetan Definition (ཕར་ཕྱིན) 1 དབུགས་ཕྱི་རོལ་དུ་བཏང་བ། དབུགས་བཏོན་པ། 2 སེམས་གསོ་བཏང་བ། དེབ་སྔོན་སྟོད་ཆ་༣༡༢ལས། ཇོ་བོའི་ཞལ་ལས། ལོ་ཙཱ་བ། སྒྲུབ་པར་མ་ནུས་པ་ལ་ལྟུང་བ་མེད་པ་ཡིན་གསུངས་ནས་ (མ་དཔེར། གསུང་ནས། ཞེས་གསལ) དབུགས་ཕྱུང་། ཞེས་གསུངས་པ་ལྟར་རོ། །3 སྤྲོ་བ་བསྐྱེད་པའམ། དགའ་བ་བསྐྱེད་དུ་བཅུག་པའི་དོན། མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས། སེངྒེའི་སྒྲས་དབུགས་ཕྱུང་ཞིང་སྤྲོ་བ་བསྐྱེད་པར་མཛད་པའི་སྣང་བ་དངོས་སུ་བྱུང་གསུང་སྟེ། ཞེས་གསུངས་པ་ལྟ་བུ། 4 ངལ་བསོས་པ། སྡུག་བསྔལ་དང་བྲལ་བར་བྱས་པ། དགའ་བར་བྱས་པ། བུ་སྟོན་རིན་པོ་ཆེའི་རྣམ་ཐར་ལས། ཆབ་འོག་ཏུ་གཏོགས་པའི་སྐྱེ་བོའི་ཚོགས་མང་པོ་བསྡུ་བ་རྣམ་བཞིས་དབུགས་ཕྱུང་། ཞེས་གསུངས་པ་ལྟ་བུ། 5 གནས་སྤར་བ། ལམ་གོང་མར་བཀོད་པའམ་བཙུད་པ། ཐེག་པ་ཆེན་པོར་དབུགས་ཕྱུང་ཞེས་པ་ལྟ་བུ། 6 ལུང་བསྟན་པ། གདམས་པའམ་གསུངས་པ། འབོད་པའམ་བོས་པ། 7 (འདུལ་བ) ཡིད་ཆེས་སྐྱེས་པ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། དབུགས་ཕྱུང་བ་ཞེས་བྱ་བ་ནི་དེ་དག་ཡིད་ཆེས་སྐྱེས་པར་གྱུར་པའོ། །ཞེས་གསུངས་པ་ལྟར་རོ། །