From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབུས་གཙང་རུ་བཞི
|
Tibetan Definition
|
བར་དབུས་གཙང་རུ་བཞི་ནི། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབསགཙང་ལ་གཡས་རུ་དང༌། རུ་ལག་གཉིས། དབུས་ལ་དབུ་རུ་དང༌། གཡོ་རུ་གཉིས་ཞེས་གྲགས། ཕྱིས་ཆོས་རྒྱལ་གུ་ཤྲི་ཧན་གྱིས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ཏེ་རྒྱལ་དབང་རིན་པོ་ཆེར་རྒྱལ་མཆོག་ལྔ་པ་ཆེན་པོཕུལ་ཕྱིན་ལ། གཡས་རུ། གཡོན་རུ། སྦུས་རུ། གུང་རུ་བཞིར་བྱེད་དོ། །ཞེས་གུང་ཐང་རིན་པོ་ཆེས་མཛད་པའི་སྒོ་མང་མཁན་ཆེན་བློ་བཟང་ཆོས་དར་བའི་རྣམ་ཐར་དང༌། མདོ་སྨད་ཆོས་འབྱུང་ན་གསལ།
|