3550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུས་འགྱུར་འཆང
Tibetan Definition <མ་ག་དྷ> མ་ག་དྷ་དང་དོན་གཅིག བོད་རྒྱ་ཚིག་མཛོད་ཆེན་མོར་འདི་རྡོ་རྗེ་གདན་གྱི་མིང་དུ་བཤད་པ་ནི། ཧ་ཅང་ཁྱབ་ཆུངས་པས་སྐྱོན་ཏེ། དབུས་འགྱུར་འཆང་ནི་མ་ག་དྷའི་སྐད་དོད་ཡིན་ལ། དེ་ནི་སྟོན་པ་ཞལ་བཞུགས་དུས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཆབ་འོག་གི་ཡུལ། ཤར་དུ་ཨངྒའི་ཕྱེད། ལྷོར་གཱ་ཡ། ནུབ་ཏུ་ཝཱ་རཱ་ཎ་སཱི། བྱང་དུ་གངྒཱས་བཅད་པའི་དབུས་ཀྱི་ཡུལ་རྣམས་ཀྱི་ཐུན་མོང་གི་མིང་ཡིན་ནོ། །འདིའི་དོགས་གཅོད་དང་བཅས་པ་ཞིབ་པར་མ་ག་དྷ་ཞེས་པའི་ཐད་དུ་གཟིགས།