3561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབེན་ས་སྙན་བརྒྱུད་ནས་འབྱུང་བའི་རྗེ་བླ་མའི་གསོལ་འདེབས
Tibetan Definition དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང༌། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་པའི་གསོལ་འདེབས་འདིའོ། །