From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དབྱངས་ཀྱི་ཡན་ལག
|
| Tibetan Definition
|
1 ལྕེའི་མིང༌། སྒྲ་བཤད་ནི། འདིར་དབྱངས་ནི་བསྟོད་པ་ཡིན་ལ་དེའི་ཡན་ལག་ནི་རྒྱུ་སྡེ་ལྕེའོ། །ཞེས་རྗེའི་བྱང་ཆུབ་ལམ་རིམ་ཆེན་མོར་གསུངས། རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ་ལས་ཀྱང་དེ་བཞིན་དུ་གསུངས། དབྱངས་ཀྱི་ཡན་ལག་ལ་མཁས་པ་སོ་སོས་འགྲེལ་བཤད་བྱེད་ཚུལ་མི་འདྲ་ན་ཡང་། སངས་རྒྱས་ཕལ་པོ་ཆེའི་མདོ་དང་བསྟུན་ན་རྗེའི་གསུང་ཉིད་འཐད་ལྡན་དུ་མཐོང་སྟེ། «སངས་རྒྱས་ཕལ་པོ་ཆེ་གླེགས་བམ་ཁ་པ་༢༧༠བ་༤»ལས། ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་མགོ་བྱིན་གྱིས་རློབ་ཅིང་། མགོ་རེ་རེ་ལ་ཡང་དེ་སྙེད་ཀྱི་ལྕེ་བྱིན་གྱིས་བརླབས་ཏེ། དེ་དག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོན་ཏན་ཤིན་ཏུ་བརྗོད་པར་བྱེད་དོ། །ཞེས་གསུངས་སོ། །བཟང་སྤྱོད་སྨོན་ལམ་ལས། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་གསུངས་པ་དང་མཐུནནོ། །
|