3567

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱངས་གསལ་གཉིས
Tibetan Definition དབྱངས་བཞི་དང་གསལ་བྱེད་སུམ་ཅུའོ། །དབྱངས་ལ་ཨི་ཨུ་ཨེ་ཨོ་བཞི་དང་། གསལ་བྱེད་ལ་ཀ་ལ་སོགས་པ་སུམ་ཅུའོ། །དབྱངས་ཀྱི་སྒྲ་བཤད་ནི། གསེར་ཏོག་སུམ་འགྲེལ་༢༩ལས། དབྱངས་དང་གསལ་བྱེད་ཅེས་པའི་དོན་གང་ཡིན་ཞེ་ན། སྐབས་འདིར་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ནི་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས། ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས་ན་འདིར་བསྟན་དབྱངས་རྐྱང་ཞེས་བྱའོ།། ཞེས་དང་། གསལ་བྱེད་ཅེས་པའི་དོན་ནི། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མིང་དང་ཚིག་དང་རྗོད་པ་མཚོན་པར་བྱེད་པའི་གཞི་ཡིན་པས་ན་གསལ་བྱེད་ཅེས་བྱའོ། །ཞེས་གསུངས་སོ། །