3571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱངས་ཅན་མ
Tibetan Definition <ས་རསྭ་ཏྭི> ཤེས་རབ་ཀྱི་ལྷ་མོ་ཞིག་སྟེ། དེའི་སྐད་དོད། ས་རསྭ་ཏྭི་ཞེས་པ་ཐད་འགྱུར་བྱས་ན་མཚོ་བྱུང་ཞེས་པ་ཡིན་ཀྱང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་གོ་བདེ་བའི་ཕྱིར་དོན་འགྱུར་དུ་དབྱངས་ཅན་མར་བསྒྱུར་ཞེས་མཁས་པ་རྣམས་གསུང་། མཚན་གྱི་རྣམ་གྲངས་ནི། མངོན་བརྗོད་ལས། ཚངས་པའི་སྲས་མོ་དབྱངས་ལྡན་མ། །སྒྲ་དབྱངས་ལྷ་མོ་སྒྲ་ལྷ་མོ། །ངག་དབང་ལྷ་མོ་བློ་ཡི་གཏེར། །རྡོ་རྗེ་དབྱངས་ཀྱི་ལྷ་མོ་དང༌། ཚངས་མ་ཧམ་བུ་རའི་ཆུང་མ། །དྲི་ཟའི་བུ་མོ་ཤེར་ལྷ་མོ། །རྒྱ་མཚོ་ལྷ་མོ་མཚོ་ལྡན་མ། །ཟླ་བའི་སྲིང་མོ་མཚོ་བྱུང་མ། །དབང་མོ་དང་བའི་རྒྱས་གྱིང་མ། །སྭར་སྭསྟི་དབྱངས་ཅན་མ། །ཞེས་མཚན་གྱི་རྣམ་གྲངས་བཅུ་དགུ་ཡོད་པར་བཤད།