From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དབྱངས་ཅན་མའི་བསྟོད་པ་གཟིགས་སྣང་མ
|
| Tibetan Definition
|
ཡོངས་གྲགས་སུ་བསྟོད་པ་འདི་ལ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ལྷའི་གླུ་དབྱངས་ཞེས་བྱ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དགུང་གྲངས་བཅུ་བཞི་བཞེས་པ་ན་དབྱངས་ཅན་མ་དཀར་མོའི་བསྙེན་པ་ཞག་བདུན་མཛད་སྐབས། དབྱངས་ཅན་མའི་ཞལ་གཟིགས་ཤིང༌། དེའི་མཐུན་མཚམས་ཤིག་ཏུ་དེ་གོང་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་ལ་ཐུགས་སྦྱོང་མ་མཛད་ནའང༌། དེ་མ་ཐག་ཚིག་སྦྱོར་ཝལ་གྱིས་ཤར་ནས་ཐོགས་མེད་དུ་བརྩམས་པར་མཛད་པའི་བསྟོད་པ་བྱིན་རླབས་ཅན་ཞིག ཀུན་མཁྱེན་འཇིགས་མེད་དབང་པོ་སྐུ་ན་ཕྲ་མོའི་ (དེ་དུས་དགུང་གྲངས་བཅུ་གཉིས་ཡིན་འདུག) སྐབས་བསྟོད་པ་འདི་ཞལ་འདོན་དུ་མཛད་ནས་རྩོམ་པ་ལ་ཁྱད་ཆེ་བ་བྱུང་ཞེས་རྗེ་དེ་ཉིད་ཀྱི་རྣམ་ཐར་ན་གསལ། བསྟོད་པ་འདི་ནི་དབྱངས་ཅན་མའི་སྐུ་ཇི་ལྟར་གཟིགས་པ་ལྟར་མཛད་པ་ཡིན་པས། དབྱངས་ཅན་མའི་བསྟོད་པ་གཟིགས་སྣང་མ་ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཐུགས་སྲས་གྲུབ་ཆེན་རྣམས་ཞལ་མཐུན་པར་གསུང་ངོ༌། །འདི་ལ་ཚིག་བཅད་ཕྱེད་དང་བཅུ་བདུན་ཡོད་ཅིང་རྗེ་དེ་ཉིད་ཀྱི་རང་རྣམ་གྱི་ཁྲོད་དུ་བཞུགས་སོ། །
|