From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབྱེན་སྤྱོ
|
Tibetan Definition
|
ཉེན་པ། གཟིར་བ། བཟོད་ཐབས་མེད་པ། སེམས་དབང་མེད་དུ་གཡོ་བའི་དོན་དུ་བཤད། བསྟན་དར་ལྷ་རམས་པས། དབྱེན་སྤྱོ་ནི་འདོད་ཆགས་ཀྱིས་ཉེན་པ་སྟེ་ཉེ་སྡེའི་བྱུང་བ་ལས། སྡེ་པའི་ཆུང་མ་འདོད་ཆགས་ཀྱིས་དབྱེན་སྤྱོ་བར་འགྱུར་ཞེས་པ་ལྟར་རོ། །འདི་ལ་དབྱེན་བཅོས་ཞེས་བྲིས་ནས་བཟོད་ཐབས་མེད་པའི་དོན་དུ་བཤད་པའང་སྣང་ཞིང་། ཞེས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། སྐད་ཅིག་རེ་རེ་བཞིན་ཉེས་སྤྱོད་ཀྱིས་དབྱེན་བཅོས་པས་ནི་བརྡེག་འཆའ། ཞེས་གསུངས་སོ། །འདི་ལ་དབྱེན་སྤྱོ་དང་། དབྱེན་བཅོས་ཞེས་འབྲི་ཚུལ་གཉིས་སྣང་ངོ་། །འགའ་ཞིག་གིས་གཡེན་སྤྱོ་ཞེས་ཀྱང་འབྲི་བར་བྱེད་ཀྱང་། དེ་ནི་དབྱེན་སྤྱོ་དང་མི་འདྲ་སྟེ། གཡེན་སྤྱོ་བ་ནི། འཁྲུག་པ་དང་ཅོ་འདྲིའམ་སྡང་བར་བྱེད་པའི་དོན་དུ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་དང་ལི་གུར་ལས་གསུངས་སོ། །
|