3614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཆོས་འཛིན་པའི་སྨོན་ལམ
Tibetan Definition སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ། སྒྲ་བཤད་ནི། འདུན་པ་ཤུགས་དྲག་པོས་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་པར་གཟུང་བར་དམ་བཅས་ཤིང་སྨོན་ལམ་འདེབས་པས་དེ་སྐད་ཅེས་བྱ། རྗེའི་རྟོགས་བརྗོད་འདུན་ལེགས་མ་ལས་ཀྱང༌། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོས། །ཞེས་གསུངས་པ་ལྟར་རོ། །འདི་སྐོར་རྒྱས་པ་རྗེ་གུང་ཐང་པའི་བསྟན་འབར་མའི་འགྲེལ་པར་གཟིགས།