3625

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་པའི་ཆོས་སྣུབ་པའི་མཛད་པ
Tibetan Definition སངས་རྒྱས་ཀྱི་མཛད་པ་ཞིག འོ་ན་དམ་པའི་ཆོས་སྣུབ་པ་ཆོས་སྤོང་བའི་ལས་མ་ཡིན་ནམ་སངས་རྒྱས་ཀྱི་མཛད་པར་ཇི་ལྟར་འགྱུར་ཞེ་ན། བཤད་པར་བྱ་སྟེ། དུས་ཀྱི་མཐར་སངས་རྒྱས་ཀྱི་བསྟན་པ་ཆེས་ཉམས་ཤིང་ངན་ལྷད་ཀྱི་སྐྱོན་ཞུགས་ཏེ་དྲི་མ་ཅན་དུ་གྱུར་པ་ན། སེམས་ཅན་ལ་དོན་དུ་མི་འགྱུར་བར་མ་ཟད་ཆོས་སྤོང་བའི་ལས་ལ་སོགས་པ་སྡིག་པ་མི་ཟད་པ་གསོག་པའི་གཞིར་འགྱུར་བས། དེའི་ཕྱིར་སངས་རྒྱས་ཀྱིས་ཐུགས་བརྩེ་ཆེན་པོས་དེའི་ཚེ་བསྟན་པ་རེ་ཞིག་སྣུབ་པར་བྱེད་དོ། །བསྟན་པ་མེད་པས་ཡིད་རྨུགས་པ་དང་སེམས་ཞུམ་དགོས་པའང་མ་ཡིན་ཏེ། དེ་ནི་སྐྱོན་ཅན་དེ་ནུབ་ནས་ལྷད་མེད་སོས་པ་ཞིག་སྟོན་མཁན་གྱི་སངས་རྒྱས་ཤིག་སླར་ཡང་སེམས་ཅན་གྱི་དོན་དུ་རིང་པོར་མི་ཐོགས་པར་འབྱུང་བར་འགྱུར་བའི་སྔ་ལྟས་སུ་ཤེས་པར་བྱའོ། །བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལས་ཀྱང༌། ཐབས་ལ་མཁས་པ་ཞེས་པ་ལ་སོགས་པའི་མདོ་ལས། དམ་པའི་ཆོས་སྣུབ་པ་ལ་མཁས་པ་ཞེས་ཆོས་སྣུབ་པའང་མཛད་པ་གཅིག་ཏུ་གསུངས་ཏེ་ཆོས་དོན་དུ་མི་འགྱུར་བ་ན་སྣུབ་པར་བསྟན་ནས་སེམས་ཅན་ལ་ཆོས་སྤོང་བའི་ལས་མི་འགྱུར་བར་བྱ་བའི་ཕྱིར་ཡིན་ཏེ། ཞེས་གསུངས་སོ། །