3629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་བཅའ་ལྷག་བཅས་ཀྱི་སྒྲ
Tibetan Definition (བརྡ་སྤྲོད) ཚིག་སྔ་ཕྱི་དམ་བཅས་པ་དེའི་དོན་གསལ་བྱེད་དུ་ཕྱི་མ་འདྲེན་པའི་ལྷག་བཅས་ཀྱི་སྒྲ། དཔེར་ན་ཏི་ལོ་ནཱ་རོ་མར་པ་སོགས་ཏེབླ་མ་གྲུབ་ཐོབ་གོང་མ་རྣམས་ཀྱིས་ཀྱང་རང་རང་གི་རྣམ་ཐར་གསུངས་ཞེས་པ་ལྟ་བུ། ཡང་ན་དངོས་པོ་ནི་གསུམ་སྟེ། བེམ་པོ་དང༌། ཤེས་པ་དང༌། ལྡན་མིན་འདུ་བྱེད་དོ་ཞེས་པ་ལྟ་བུ། དེ་ལ་ནང་གསེས་ཀྱི་དབྱེ་ན། དབྱེ་བ་འདྲེན་པ། གཏན་ཚིགས་འདྲེན་པ། ངེས་ཚིག་འདྲེན་པ། རྒྱས་བཤད་འདྲེན་པ་དང་བཞི་ཡོད། དབྱེ་བ་འདྲེན་པ་ནི བདེན་པ་ནི་བཞི་སྟེ། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པའོ། །ཞེས་པ་ལྟ་བུ། གཏན་ཚིགས་འདྲེན་པ་ནི སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། ངེས་ཚིག་འདྲེན་པ་ནི སངས་རྒྱས་ཏེམ་རིག་པའི་གཉིད་ལས་སངས་ཤིང༌། ཤེས་བྱ་ལ་བློ་གྲོས་རྒྱས་པའོ་ཞེས་པ་ལྟ་བུ། རྒྱས་བཤད་འདྲེན་པ་ནི རྒྱལ་སྲས་ཀྱི་སྤྱོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་པོ་ཐམས་ཅད་དོ་ཞེས་པ་ལྟ་བུའོ། །