3634

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཚིག་གི་རྣལ་འབྱོར
Tibetan Definition འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞིའི་ཡ་གྱལ་ཏེ། འདི་གསང་འདུས་ཀྱི་སེམས་དབེན་གྱི་དོད་ཐུབ་ཡིན། འཇིགས་བྱེད་ཀྱི་སྐབས་སུ་གསང་འདུས་ལྟར་རྫོགས་རིམ་རིམ་པ་ལྔའམ་དྲུག་གི་ཐ་སྙད་མི་བྱེད་པར་དེའི་དོད་དུ་རྫོགས་རིམ་རྣལ་འབྱོར་བཞིའི་ཐ་སྙད་བྱེད་དེ། འཇིགས་བྱེད་ལྷ་བཅུ་གསུམ་མ། དཔའ་གཅིག དགྲ་ནག གཤེད་དམར། རོ་ལངས་བརྒྱད་སྐོར། ཞེ་དགུ་མ་རྣམས་ལ་རྫོགས་རྣལ་འབྱོར་བཞིའི་ཐ་སྙད་བྱེད། གསང་འདུས་ཀྱི་སྐབས་སུ་དབེན་པ་གསུམ་གྱི་རྣལ་འབྱོར། སྒྱུ་ལུས་དང་འོད་གསལ་ཟུང་འཇུག་སྟེ་རྫོགས་རིམ་རིམ་པ་ལྔའམ་དྲུག་གི་ཐ་སྙད་བྱེད་དོ། །