3640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམག་བརྒྱ་པ
Tibetan Definition (འདུལ་བ) 1 དམག་བརྒྱ་པ་ནི། སྐྱ་སེང་བུ་ལྔའི་པཱཎ་ཌཝ पाण्‍डव pāṇḍavaḥ དགྲ་ཟླ་ཀཱཽ་ར་ཝ་ Kaurava कौरव ཟེར་བ་དེ་རེད། 2 ཡབ་རྒྱལ་པོ་ཟས་གཙང་མ་དང་དུས་མཚུངས་སུ་བྱོན་པའི་ཀཽ་ཤཱམྦྷིའི་རྒྱལ་པོ་ཞིག བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་དུས་མཉམ་དུ་ཀཽ་ཤཱམྦྷིའི་རྒྱལ་པོའི་བུ་དང་སོགས་པ་རྒྱལ་བུ་བཞི་བཙས་པར། འདུལ་བ་ལུང་གཞི་༼ ཀ ༽༣ན༦ལས། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམ་པ་དེའི་ཚེ་ན་གྲོང་ཁྱེར་ཆེན་པོ་བཞི་པོ་དག་ཏུ་རྒྱལ་པོ་ཆེན་པོ་བཞི་དག་གི་བུ་ཡང་བཙས་པར་གྱུར་ཏེ། རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པད་མ་ཆེན་པོའི་བུ་བཙས་སོ། །མཉན་ཡོད་དུ་ནི་རྒྱལ་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་བཙས་སོ། །འཕགས་རྒྱལ་དུ་ནི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་སོ། །ཀཽ་ཤཱམྦྷིར་ནི་རྒྱལ་པོ་དམག་བརྒྱ་པའི་བུ་བཙས་སོ། །ཞེས་གསུངས་སོ། །