3648

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམན་མ
Tibetan Definition མཆོད་པའི་རྫས་རྙིང་པའི་མིང་ལ་གྲགས་ཆེ། དཔེར་ན་ཡོན་ཆབ་ཀྱི་ཆུ་རྙིང་དང་། མཆོད་རྫས་ཀྱི་མེ་ཏོག་དང་གཏོར་མ་རྙིང་པ་སོགས་ལྟ་བུའོ། །གོས་ལ་སོགས་པ་རྙིང་པའི་མིང་ལའང་འཇུག་སྟེ། སྐྱེས་རབས་སོ་བཞི་པའི་དཀའ་འགྲེལ་ལས། དམན་མ་ཞེས་བྱ་བ་ནི་གོས་ལ་སོགས་པ་རྙིང་པའམ། ཟས་ཀྱི་ལྷག་མ་དག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །