From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དམིགས་པ
|
Tibetan Definition
|
(ཕར་ཕྱིན) 1 (བྱ་ཚིག) ཡུལ་ལ་སེམས་གཏོད་པའི་དོན། 2 (མིང་ཚིག) དམིགས་ཡུལ། སེམས་གཏོད་པའི་ཡུལ། དམིགས་པ། དམིགས་བྱ། དམིགས་པར་བྱ་བ། དམིགས་བྱའི་ཡུལ་རྣམས་དོན་གཅིག དམིགས་བྱ་ལ་དམིགས་པ་ཞེས་པ་དང་། བསླབ་བྱ་ལ་བསླབ་པ་ཞེས་པ་ལྟ་བུས་མཚོན་ནོ། །སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། དམིགས་པ་ཞེས་བྱ་བ་ནི་དེ་དག་དམིགས་པར་བྱ་བ་ཡིན་པ་སྟེ། དམིགས་པ་ནི་གཟུང་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཞེས་དང་། རྟོག་གེ་འབར་བ་༩༧གསུམ་འོག་མ་ལས། དམིགས་པ་ཞེས་བྱ་བ་ནི་དེ་དམིགས་པར་བྱ་བ་ཡིན་པས་དམིགས་པ་སྟེ། གཟུང་བ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །
|