3678

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམིགས་བརྩེ་མ
Tibetan Definition རྗེ་བཙུན་ཙོང་ཁ་པ་ཆེན་པོ་རིགས་གསུམ་གཅིག་འདུས་ཀྱི་ངོ་བོར་གསོལ་བ་འདེབས་པའི་གསོལ་འདེབས་བྱིན་རླབས་ཅན་ཞིག ཐོག་མར་རྗེ་ཉིད་ཀྱིས་རང་གི་བླ་མ་རྗེ་བཙུན་རེད་མདའ་བ་ལ། དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། །གཞོན་ནུ་བློ་གྲོས་ཞབས་ཀྱི་པདྨོར་འདུད། །ཐར་འདོད་བུང་བ་བདག་ཀྱང་བསྐྱང་དུ་གསོལ། །ཞེས་གསོལ་འདེབས་བསྟོད་ཚིག་ཕུལ་བ་གཟིགས་ཏེ། དགྱེས་པ་ཆེན་པོས་འདི་ཤིན་ཏུ་ལེགས་ཀྱང༌། ཁོ་བོ་ལ་འོས་པ་མི་འདུག་ཁྱེད་རང་ལ་འོས། ཞེས་གསུངས་ནས་ཚིག་སྣ་ཅུང་ཟད་བསྒྱུར་ཏེ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བླ་མས་ཚུར་ལ་ཕུལ་བས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་གསུངས་སོ། །རྗེ་བཙུན་རེད་མདའ་བ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིག་རྐང་ལྔ་པོ་དེ། རྗེའི་གསུང་ཐོར་བུ་གླེགས་བམ་༼ ཁ་པ ༽ཤོག་གྲངས་༦པར་བཞུགས་སོ། །