From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དམུས་བྱུང་བ
|
Tibetan Definition
|
(འདུལ་བ) ཡི་ཆད་པའམ་ཚི་ཆད་པ། ལི་གུར་སོགས་ན་གསལ། མུས་བྱུང་བ་ཡང་ཟེར། ལུང་རྣམ་འབྱེད་རྩ་འགྲེལ་ལས་མུས་བྱུང་བ་ཞེས་ཀྱང་འབྱུང་སྟེ། ལུང་རྣམ་འབྱེད་༼ ཅ་པ ༽༢༣བ༦ ལས། སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། ཞེས་པ་ལྟ་བུའོ། །དེའི་ཐད་ཀྱི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣བ༢ ལས། མུས་བྱུང་བའམ་ཞེས་བྱ་བ་ནི་སེམས་ཀྱིས་ངོ་ (མ་དཔེར་དོ་བྲིས་འདུག་ཀྱང་ངོ་ཡིན་ནམ་སྙམ་མོ) ཚ་བར་བྱེད་པ་སྟེ། ཞེས་གསུངས་སོ། །
|