3700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམུས་ལོང༌
Tibetan Definition <ཛཱ་ཏྱནྡྷ> སྐྱེས་དུས་ནས་མིག་ལོང་བའི་གང་ཟག ལེགས་སྦྱར་གྱི་ཛཱ་ཏྱནྡྷ་ཞེས་པ་ཐད་བསྒྱུར་བྱས་ན་སྐྱེས་ལོང་ཟེར་བར་བཤད། སྒྲ་བཤད་་ནི། མིག་ལོང་ནས་མུན་ནག་འཐིབས་པ་ལྟར་གྱུར་པས་ན་དམུས་ལོང་ཞེས་བྱའོ། །དེ་ཡང་དམུས་ནི་འདིར་མུན་པའམ་མུན་ནག་དང་། མུན་ནག་འཐིབས་པ་བཅས་ཀྱི་དོན་ཡིན་པར་སེམས་ཏེ། དཔེར་ན་ས་རུབ་ནས་མུན་ནག་ཆགས་པ་ལ་ནམ་དམུས་པ་ཟེར་བ་ལྟ་བུའོ། །ནམ་རྨུས་པའང་ཟེར།