From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དམྱལ་བ
|
Tibetan Definition
|
<ན་རཀ> 1 སྡུག་བསྔལ་ཤིན་ཏུ་ཆེ་བའི་ངན་སོང་གི་གནས་ཤིག ལེགས་སྦྱར་དུ་ན་རཀ་ नरकः ཟེར། སྒྲ་བཤད་ནི། དམྱལ་བ་ནི་བསྙལ་བ་སྟེ་ཉལ་དུའམ་འགྱེལ་དུ་འཇུག་པའི་དོན་ཡིན་པས་ལུས་ལྕགས་སྲེག་གི་ས་གཞི་ལ་བསྙལ་ནས་སྡུག་བསྔལ་མྱོང་དུ་འཇུག་པས་ན་དམྱལ་བ་ཞེས་བྱའོ། །འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཤེས་བྱ་རབ་གསལ་༩ན་༡ལས། ལུས་དམྱལ་ཞིང་གཏུབས་པས་ན་དམྱལ་བའོ། །ཞེས་གསུངས། ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་དྲིས་ལན་ཤོག་གྲངས་༢༧བ༢ལས་ཀྱང་། དམྱལ་བ་ཞེས་པ་ལེབ་ལེབ་པོར་གླེབ་པའི་དོན་ཡིན་ཞེས་གསུང་རྒྱུན་དུ་ཡོད་དོ། །ཞེས་གསུངས་ཤིང་། དབྱངས་ཅན་དགའ་བློས་ཀྱང་དེ་བཞིན་དུ་གསུངས་སོ། །གཞན་ཡང་ལོ་པཎ་བཀའི་ཐང་ཡིག་༥༦༧ལས། ངོ་བོ་ཞེ་སྡང་སྡུག་བསྔལ་བ༔ ངེས་ཚིག་དམྱལ་ཞིང་དུབ་པའོ༔ ཞེས་གསུངས་པ་ལྟར་རོ། །ན་ར་ཀའི་ངེས་ཚིག་ནི། ན་དགག་ཚིག་དང་ར་གཱ་ཆགས་པའམ་དགའ་བའི་དོན་ཡིན་པས་དགའ་མེད་ཅེས་བྱའོ། །ཞེས་ཀུན་བཏུས་དར་ཊཱིཀ་གསུང་ངོ་། །2 ལེབ་ལེབ་མོར་བྱེད་པའི་དོན་ཡིན་པར། དབྱངས་ཅན་དགའ་བློ་གསུང་། དམྱལ་བར་བྱེད་ཅེས་པའི་ཐད་དུ་གཟིགས།
|