3720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཱ་ཆེན་པོ
Tibetan Definition ཇོ་བོ་ཨ་ཏི་ཤའི་གསང་སྔགས་ཀྱི་ཆོས་གསན་སའི་བླ་མ་ཞིག་སྟེ། མཁས་པ་ཆེན་པོ་དཱ་ཆེན་པོ་ཞེས་པ་དེ་ཡིན་པར་སེམས། དེབ་སྔོན་༢༩༩ན་གསལ། ཡང་དེབ་སྔོན་སྟོད་ཆ་༢༨༢ལས། དཱ་ཆེན་པོ་འདི་བྱང་ཆུབ་སེམས་དཔའ་དཱ་ན་ཤྲཱི་ཡིན། འདིས་མངའ་རིས་སུ་ཡང་བྱོན་འདུག་ཅེས་སོགས་ཇོ་བོའི་དབོན་པོ་དཱ་ན་ཤྲཱི་དང་དོན་གཅིག་པར་ཡང་བཤད་འདུག་པས་དེ་དག་གང་ཟག་གཅིག་མིན་དཔྱད་དོ། །དཱ་ན་ཤྲཱི་ལ་གཟིགས།