3738
Jump to navigation
Jump to search
དུ་རུ་ཀ | |
Tibetan Definition | 4 ཀླ་ཀློའམ་སོག་ཡུལ་ནས་བྱུང་བའི་སྤོས་ཀྱི་མིང་ངོ་། །དུ་རུ་ཀ་ནི་ཀླ་ཀློའམ་སོག་པོའི་མིང་ཡིན་པས། དེ་དག་ནས་བྱུང་བའི་སྤོས་དགར་ལ་འབྱུང་ཁུངས་ཀྱི་མིང་གིས་ཏུ་རུ་ཀའམ་སོག་སྤོས་ཞེས་བཏགས་པ་ཡིན་ཞེས་བཤད་ལ། ཞེས་དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས་བཤད་དོ། །འདི་ལ་དུ་རུ་ཀ་དང་། དུ་རུ་སྐ། དུ་རུ་ཥ། ཏུ་རུཥྐ། ཏུ་རུཀྵ། ཏུ་རུསྐ་སོགས་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་ཡང་། ཏུ་རུཀྵ་དག་པར་སེམས་སོ། ། |
---|