From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུགས་ཁང
|
Tibetan Definition
|
(འདུལ་བ) 1 ཁྲུས་ཁང་གི་མིང་། ལུང་ཞུ་བ་༼ པ་པ ༽༣༠༡བ༣ལས། དགེ་སློང་དུགས་ཁང་དུ་ཁྲུས་བྱ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དུགས་ཁང་དུ་རྗེས་སུ་གནང་བ་ཡང་རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འཁྲུལ་བའི་ཕྱིར་མ་ཡིན་གྱི་ལུས་འདི་གསོ་བའི་ཕྱིར་ཕྱིར་རོ། །དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། རྡུལ་དང་དྲི་མ་འབྱང་། པགས་པ་དང་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་རྣམས་མེད་པར་བྱེད། དུགས་ཁང་ནི་ནད་མེད་པར་བྱེད་པའོ། །ཡང་དེ་ཉིད་ལས། དགེ་སློང་དུགས་ཁང་གི་ནང་དུ་ཞུགས་ནས། གཏམ་སྣ་ཚོགས་མི་བྱ། གཏམ་མི་རིགས་པ་མི་བྱ། སྤྱོད་ལམ་གཉིས་ལ་འཇུག་པར་བྱ་སྟེ། འཕགས་པའི་ཅང་མི་སྨྲ་བའམ། དེས་པའི་ཆོས་ཀྱི་གཏམ་ལ་སྟེ། དེ་ནི་དུགས་ཁང་གི་བྱ་བའོ། །ཞེས་གསུངས་སོ། །ཡང་དེ་ཉིད་༣༠༤བ༣ལས། དེ་སྟེ་དུགས་ཁང་དུ་ཁྲུས་བྱེད་པ་ཞིག་ཏུ་གྱུར་ན་ནང་པར་སྔར་ལངས་ནས་མཁན་པོ་དེང་དུགས་ཁང་དུ་ཁྲུས་མཛད་ཀྱིས་ཆར་གསོལ་ཞེས་བསྒོ་བར་བྱ། ལྷན་ཅིག་སྤྱོད་པས་མཁན་པོའི་ཕྱིར་དུ་དུགས་ཁང་དུ་སྟན་དང་ཁྲིའུ་དང་། རིལ་བ་སྤྱི་རིངས་དང་། ཁྲུས་རས་དང་དུགས་ཁང་གི་ཡོ་བྱད་གཞན་གང་ཡང་རུང་སྟེ་ཁྱེར་ཏེ་མཁན་པོ་མདུན་དུ་བྱས་ནས་དུགས་ཁང་དུ་འདོང་བར་བྱ། ཞེས་གསུངས་པ་ལྟར་རོ། །2 བསྟན་དར་ལྷ་རམས་པས། བསྲོ་ཁང་གི་མིང་ཡང་ཡིན་ཟེར་ཞིང་། གདུགས་ཁང་ཞེས་བྲིས་སོ། །འདི་ལ་དཔྱད་པར་བྱ་འདི་ཡོད་དེ། ལུང་ཞུ་བ་༼ པ ༽༧༠ན༤ལས། ཁང་བུ་བརྩེགས་པ་དང་། བསྲོ་གང་དང་། ཚང་མང་དང་། བཀད་ས་དང་། འཆག་ས་དང་། དུགས་ཁང་དང་། ཞེས་བསྲོ་གང་དང་། དུགས་ཁང་གཉིས་ཐ་དད་དུ་གསུངས་པའི་ཕྱིར་རོ། །
|