3757

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུད་འགྲོ་གསོད་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་རེ་དྲུག་པ། དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དུད་འགྲོ་དེ་གཞི་མའི་ཞོར་མ་ཡིན་པར་གསོད་སེམས་ཀྱིས་རང་ངམ་བསྐོས་པས་བསད་དེ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་བྱ་རོག་བསད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །