From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུར་ཁྲོད་ཀྱི་ཆས་བརྒྱད
|
Tibetan Definition
|
ཁྲོ་བོ་སྤྱིའི་ཆས་བརྒྱད། བགོ་བའི་གོས་གསུམ་ནི མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་གཤམ་ཐབས་ཏེ་གསུམ་མོ། །གདགས་པའི་རྒྱན་གཉིས་ནི སྦྲུལ་རྒྱན་དང༌། ཐོད་པའི་རྒྱན་ནོ། །བྱུག་པའི་རྫས་གསུམ་ནི སྨིན་མཚམས་ལ་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས་རྣམས་སོ། །སྦྲུལ་རྒྱན་ཡང་རྒྱལ་རིགས་ལ་སྦྲུལ་དཀར་ཁྲའི་དབུ་རྒྱན། རྗེའུ་རིགས་ལ་སེར་ཁྲའི་སྙན་རྒྱན། བྲག་ཟེའི་རིགས་ལ་དམར་ཁྲའི་མགུལ་རྒྱན། དམངས་རིགས་ལ་ནག་ཁྲའི་སྐ་རགས། གདོལ་བའི་རིགས་ལ་ལྗང་ཁུའི་ཕྱག་གདུབ་དང་ཞབས་གདུབ་བྱས་པའོ། །ཐོད་པའི་རྒྱན་ལའང༌། ཐོད་པ་སྐམ་པོའི་དབུ་རྒྱན་དང༌། རློན་པའི་སེ་རལ་ཁ། ཚལ་བུས་དཔུང་རྒྱན་བྱས་པའོ། །
|